那是我向神下跪的地方

 

在经幡飘舞的圣地

我把吹动的风称作神的肉身

我把众神赐福的大地喊作:故乡

 

奔流的金川河徐徐向东

拐一个弯,再拐一个弯

把臂弯里沉睡的旧时光,轻轻抱紧

而在流水之畔,唱经的幡旗

用飘荡,抚平众生

内心的皱纹

 

云朵之上,桑烟袅绕

雪花之下,一盏摇曳的酥油灯

将神性的光芒照耀

多年以来,我把金川

这个祖国西部边陲的小小版图喊作故土

把通向老松坪的那一条蜿蜒小路

当作等我回家的门

 

那是我向神下跪的地方

一只牦牛头骨虚空的眼窝里

左眼住着我的前世

右眼看着我的今生

 

དེ་ནི་ངས་དད་སེམས་ནང་ལ་བཀུག་སའི་དག་ཞིང་ཡིན།

 

              བང་ཀྲི་གོ་ཡིས་བརྩམས།  དཔལ་མགོན་སྐྱབས་ཀྱིས་བསྒྱུར།

 

དར་ལྕོག་རླུང་གིས་སྐྱོད་ཀྱིན་པའི་དག་ཞིང་འདིར།

བདག་གིས་རླུང་བུ་ནི་ལྷ་ཡི་འགྱུར་གཟུགས་དང་ལྷ་ཡིས་ཞབས་ཁ་སྒྱུར་མྱོང་བའི་དག་ཞིང་

འདི་ལ་ཕ་ཡུལ་ཞེས་བོས་པ་ཡིན།

ཅིན་ཁྲོན་ཆུ་བོས་སེམས་ཅན་གྱི་བདེ་སྡུག་དང་ས་ཆེན་འདིའི་གདོང་གི་རྒས་གཉེར་ཁྱེར་

ནས་རྒྱང་རིང་ལ་བཞུར་ཟིན།

གཙང་བོའ་ིརྒྱུན་དང་མེ་ཏོག་ཁུགས་ན་ཞོ་ལྟར་ཆགས་པའི་ཅིན་ཁྲོན་ནི་བདག་གི་ཕ་ས་

གསེར་གྱི་གཞོང་བ་ཡིན།

དེ་ཕྱོགས་སར་འཐེན་པའི་ལམ་ཕྲན་ནི་ང་རང་ཡུལ་ལ་འདྲེན་བྱེད་པའི་རྨུ་ཐག་ཡིན།

དེ་ནི་ངས་དད་སེམས་ནང་ལ་འགུག་སའི་དག་ཞིང་ཡིན་ལ།དེ་ན་བདག་གི་འདས་མ་ད་

གསུམ་ཡོད།

 

 

众生之心犹如大地

 

月光里有人用露水洗头

寒夜中有人用秋霜铺路

当秋风说出:寒冷

菊花交出清香

草木交出青春

大地呈上了果实

 

在时光的刃口上

生命的盐里藏着疼痛的水

在万木萧萧、天地动容的季节

一粒秋霜比一滴泪水坚硬多少

一个人比一棵草坚强多少?

众生之心呀犹如大地

除了无声地抗拒

就只能默默地承受

 

 

སེམས་འདི་ས་གཞི་དང་མཚུངས།

 

              བང་ཀྲི་གོ་ཡིས་བརྩམས།  དཔལ་མགོན་སྐྱབས་ཀྱིས་བསྒྱུར།

 

ཟླ་འོད་བསིལ་མོ་དང་།

དཔྱིད་ཀྱི་བ་མོས་བདེ་བ་སྦྱིན།

དཔྱིད་རླུང་གིས་གྲང་འཁྱགས་སྒོམ་དུས།

མེ་ཏོག་གིས་དྲི་བསུང་དང་རྩྭ་ཕྲན་གྱིས་ལང་ཚོ་ཕུལ་ཏེ།

ས་གཞི་ལ་འབྲས་བུ་བསྩལ།

 

ལོ་ཟླའི་སྤུ་གྲིའི་ཁ་ན།

ཚེ་སྲོག་ལས་ན་ཟུག་གི་ཁྲག་རྒྱུན་བཞུར་གྱིན་འདུག

ནོར་འཛིན་མའི་ལང་ཚོ་ཡི་ཚོན་ཁ་འགྱུར་དུས།

མིག་ཆུ་དང་སིལ་བ་ལས་གང་ལྕི།

ཡང་ན་མི་དང་རྩྭ་ལས་གང་བརྟན།

སེམས་འདི་ས་གཞི་དང་འདྲ་ལ། ས་གཞི་འདི་སེམས་ཅན་རེད།

ངག་བསྡམས་ནས་ཀུ་འདེབས་པ་ལས།

ཨ་ལན་ཇི་ལྟར་སྤྲོད་ཨང་།

 

 

遥望拉卜楞寺

 

我不敢靠近,这大夏河环绕的圣地

——拉卜楞

奔涌的流水泛起的清波

每一丝都像是被神灵点化过的慈悲莲花

 

我不敢靠近,这经幡林立的山川

怕我身体里恣意窜动的风

因为靠得太近,溜出来

吹乱我的族人虔诚的祈愿

 

巍峨的寺院,鳞次栉比的殿宇

以及暮色里庄严的佛塔

莽筒浑厚的法号一声声撞击着我的心灵

经堂里辩经的喇嘛、风中传来的诵经声

山谷间回荡的桑烟……

太熟悉了,这些儿时的景象

像回忆,此时都被一幕幕复原

 

拉卜楞——我不敢走近

怕走得太近,我会突然放下红尘俗念

匍匐在佛前,诚心做一名身披绛红色僧衣的小扎巴

在佛的指引下找寻前世

在香火里的灰烬里燃尽潦草的一生

 

听啊,风中传来的那一声清唱

是佛的偈语,也是清心的良药

因为保持着足够的距离

在远处,我听到了众生与群山的合唱

我只是远远地遥望——拉卜楞

虽然我身在红尘,但我的心已经匍匐在你的佛堂

那一盏酥油灯跳动的火焰,就是我

虔诚的念想

 

བླ་བྲང་དགོན་པར་རྒྱང་ལྟ་བྱས་པ།

 

              བང་ཀྲི་གོ་ཡིས་བརྩམས།  དཔལ་མགོན་སྐྱབས་ཀྱིས་བསྒྱུར།

 

ང་རང་བསང་ཆུ་ཡིས་བསྐོར་བའི་དག་ཞིང་འདི་དང་ཉེ་བཅར་མི་ཕོད་དེ།

བྱམས་བརྩེ་ཡི་པད་འདབས་རེ་བཏེགས་པའི་ཆུ་ཐིགས་རེ་རེའི་འབག་བཙོག་བཟསོ་ཨེ་འགྲ་ོ

སྙམ་པས་ཡིན།

དར་ལྕོག་གིས་ལྷ་དར་འཐེན་འདུག་རི་ལུང་འདི་ལ་ཡང་ཉེ་བར་བཅར་མི་ཕོད་དེ།

ཧམ་སེམས་ཀྱི་རླུང་བུ་ཡིས་ངའི་མེས་པོ་ཚོའི་དད་སེམས་དཀྲོགས་ཨེ་འགྲོ་བསམ་

པས་ཡིན།

གསེར་ཏོག་དང་གསུང་འབུམ། གྲྭ་བ་དང་འདོན་པ་སོགས་འདི་ཡོད་ཚད་ཀྱིས་

ངའི་ཕྱིར་དྲན་མང་པོ་ཞིག་གི་དྲན་གསོས།

ང་རང་བླ་བྲང་དགོན་དང་ཉེ་བར་བཅར་མི་ཕོད་དེ།

ཉེ་བར་བཅར་ཐེངས་རེར་བདག་གིས་གྲོང་བ་ཞིག་གི་སྡིག་ལས་ཕར་ལ་གཡུག་ནས་སེམས་ཅན་གྱི་བདེ་སྡུག་

སེམས་སུ་སྒོམ་པའི་གྲྭ་རྐྱང་ཞིག་བྱ་སྲིད།

ཉོན་དང་།

རླུང་བུས་ཁུར་ཡོང་བའི་མ་ཎིའི་དབྱངས་རྟ་སྙན་མོ་དེས་རྒྱང་ལྟ་བྱེད་

ཀྱིན་པའི་བདག་གི་སེམས་པ་རྩ་བ་ནས་བཀུག་སྟེ།

ཁྱོད་ཀྱི་མདུན་དུ་ལག་ཟུང་སྙམ་བུ་བྱས་ནས་ཕྱག་འཚལ་གྱིན་ཡོད།

ཁྱོད་ཀྱི་མདུན་ན་མེ་རུ་འབར་གྱིན་པའི་མཆོད་མེ་དེ་ངས་ཁྱོད་ལ་བཅིངས་པའི་

དད་སེམས་མཚོན་ཡོད་ལགས།བླ་བྲང་དགོན།

 

 

正午的北山寺

 

喧闹的阳光和杂乱的脚步

一起莅临,正午的寺庙

端坐北山,俯瞰众生

任凭百年菩提树在陡峭的梯道上

来来去去,投下幻影

任凭山门中行色匆匆的游人香客

进进出出,不惊不惧

仿佛这里的宁静从未被惊扰

仿佛时间从来就没有快过

 

偶尔有几片枯黄的落叶

无声地落向路边的斜坡

仿佛初秋的风,在神的院落

翻了翻身

 

真想自己也是清风一缕

在众生中,独享神的悲喜

 

ཉིན་གུང་གི་བྱང་རི་དགོན།

 

              བང་ཀྲི་གོ་ཡིས་བརྩམས།  དཔལ་མགོན་སྐྱབས་ཀྱིས་བསྒྱུར།

 

ཉི་འོད་དང་གོམ་སྒྲ་ལྷན་དུ་བསྲེས་དུས།

དགོན་སྡེ་འདི་རྔམ་བརྗིད་ཀྱིས་བྱང་རིའི་སྟེང་འགྱིང་འདུག་ལ།

ལོ་རྒན་སྟོང་ཕྲག་གི་ལོ་རྒྱུས་ཁུར་བའི་གསོམ་སྡོང་དང་།

རྒན་དར་གཞོན་གསུམ་འདྲེས་པའི་ཡུལ་སྐོར་བ་སོགས་གཅིག་གིས་ཀྱང་ཁོའ་ི

རྔམ་བརྗིད་དང་ལྷིང་འཇགས་དཀྲོགས་ཐུབ་མ་སོང་།

སྐབས་རེར་ལོ་མ་སེར་པོ་རེ་ས་རུ་ལྷུང་བ་དེས་སྔོན་བྱུང་མ་མྱོང་ཞིག་ལ་འགྱུར་

ལྡོག་གཏོང་གིན་ཡོད་པ་འདྲ།

མཚམས་མཚམས་སུ་རང་ཉིད་ཀྱང་རླུང་བུ་ཞིག་གི་ཚུལ་གྱིས་སེམས་ཅན་གྱི་བདེ་

སྡུག་ཁུར་ནས་དགོན་སྡེ་འདིའི་ལྷིང་འཇགས་སྲུང་བསམ།

 

 

顺从

 

被风吹得倾斜的青草

我喜欢这垂向大地的弯

顺从中隐含韧劲

 

多年来,我一直把风吹草低当作一种生活方式 

但在与现实较劲的过程中

却硬不及石头,柔不如草木

在经历了亲人的逝去、时光的流逝、生活的磨砺后

我突然觉得,在这世上,

除了不轻言放弃和生命的尊严

其他,草木一样,顺从

 

བསྟུན།

 

              བང་ཀྲི་གོ་ཡིས་བརྩམས།  དཔལ་མགོན་སྐྱབས་ཀྱིས་བསྒྱུར།

 

རྩྭ་ཕྲན་གྱིས་རླུང་གི་རྒྱུ་ཕྱགོས་དང་བསྟུན་ནས་ས་གཞི་ལ་མག་ོབ་ོསྨད་ཅིང་སྐེད་པ་བསྒུར་ཡང་།

ང་རང་རྩྭ་ཕྲན་གྱི་བསྟུན་ཚུལ་འདིའི་གསེབ་ཀྱི་སེམས་ཤུགས་བརྟན་པོ་འདིར་ལྷག་ཏུ་དུང་

ལོ་ངོ་མང་པོ་ཞིག་གི་རིང་ལ། རྩྭ་ཕྲན་རླུང་དང་བསྟུན་ཚུལ་འདི་འཚོ་བའི་རོ་ཁ་མྱོང་སྟངས་

ཤིག་ཏུ་བཟུང་བ་ཡིན་མོད།

 

འཚོ་བ་ཞེས་པའི་དྲག་རླུང་འདིའི་ཁྲོད་དུ་རང་ཉིད་ལ་རྡོ་བ་ཡི་མཁྲེགས་ཚད་དང་

རྩྭ་ཕྲན་གྱི་མཉེན་ཚད་ཡེ་ནས་མེད་པས།

གཉེན་ཉེའི་འདུ་བྲལ་དང་ལོ་ཟླའི་བཞུར་འགྲོས། འཚོ་བའི་ཉམས་མྱོང་སོགས་

མང་པོ་ཞིག་བརྒྱུད་རྗེས།

མ་གཞི་འཇིག་རྟེན་འདིའི་སྟེང་དུ་ལང་ཚོ་ཡི་དཔའ་སྤོབས་ཞིམ་མི་རུང་བ་དང་

ཚེ་སྲོག་གི་རྩིས་ཐང་དོར་མི་རུང་བ་ལས།

ཡོད་ཚད་རྩྭ་ཕྲན་དང་འདྲ་བར་བསྟུན་ཤེས་དགོས་པ་ངས་རྨང་ནས་ཚོར་བྱུང་།

 

 

场景

 

牛羊撒欢的草地上

手捻紫檀木佛珠的牧羊人

举过头顶的双手

有佛

在加持

 

经幡上有风

黑帐篷上有桑烟袅绕

一个贪睡的黑脸汉子

在梦里紧紧地搂着自己

寂灭的光阴,生活的火种

此刻都近似于虚无

 

苍穹的浮云里有淡淡的阴影

辽远的牧歌里有一个王朝在翻身

 

这是寂静的午后

一株格桑,独自摇曳

一股没有方向的风

是整个草原最不安的心跳

 

ཡུལ་ལྗོངས།

 

              བང་ཀྲི་གོ་ཡིས་བརྩམས།  དཔལ་མགོན་སྐྱབས་ཀྱིས་བསྒྱུར།

 

ཙན་དན་ཕྲེང་བ་ཕྱག་ཏུ་བཟུང་ནས་མ་ཎི་དབྱངས་རྟ་ངག་ལ་གྱེར་བཞིན་ལུག་ཁྱུ་འཚོ་མཁན་གྱི་འབྲོག་པ་འདི་ལ་སངས་རྒྱས་ཀྱི་མགོན་སྐྱབས་དང་བྱིན་རླབས་ཞུགས་ཡོད།

 

སྦྲ་ནག་གྲུ་བཞིའི་ནང་རོལ་ན་རང་ཉིད་ཀྱི་རྨི་ལམ་གྱིས་བཟི་འདུག་པས་བུ་ཆུང་དེ་འཚོ་བ་

ཡི་མེ་སོན་དམར་པོས་དྲོད་ཀྱིས་ཁེངས་འདུག

དགོང་སྔོན་གྱི་ལང་ལོང་གི་སྤྲིན་པ་དང་ཕྱུགས་རྫི་ཡི་ལ་གཞས་ཐན་ཐུན་ལས་རྒྱལ་རབས་

ཤིག་གི་ལས་དབང་འགྱུར་ལྡོག་འབྱུང་གིན་འདུག

ལྷིང་འཇགས་ཀྱི་གུང་གསེང་སྐབས་ཀྱི་རླུང་བུ་འདི་ནི་རྩྭ་ཐང་གི་སེམས་ནད་ཅིག་རེད།

 

 

一把藏刀

 

我首先看到的是一块冷铁

接着是它身上的煅痕

最后才是被刀鞘藏得很深很深的闪电

 

这就是我们,衣着朴素、内心善良

在生活的底部穿行

携带着的同胞的伤痕,像一件致命的凶器

伺机伤害一碗酒里的生活

 

藏刀,如果不自卫

谁会知道它的烈性锐气中

藏着这么犀利的内伤

 

བོད་གྲི 

 

              བང་ཀྲི་གོ་ཡིས་བརྩམས།  དཔལ་མགོན་སྐྱབས་ཀྱིས་བསྒྱུར།

 

བོད་གྲི་འདི་མཚོན་ཆ་ཞིག

བཙོ་སྦྱང་གི་གོ་རིམ་ཞིག

ཤུབ་ཏུ་སྦས་པའི་སྤུ་གྲི་རྣོན་པོ་ཞིག

 

བོད་གྲི་འདི་ང་ཚོ་སྟེ།

སྤུན་ཟླ་ཚོའི་ན་ཟུག་ཁུར་ནས།

ཞི་ཆགས་ལྷུན་འཇམ་གྱིས་འཚོ་བའི་ངམ་ཁ་བརྒྱུད་ནས་འཚོ་བ་ལ་དཔུང་འཇུག་བྱས།

 

གལ་ཏེ་བོད་གྲིས་རང་སྲུང་མ་བྱས་ན།

ཁོའ་ིགཤིས་ཀ་འཇམ་པོ་འདིའི་ཤིབ་ཏུ་ན་ཟུག་ལྕི་མོ་ཞིག་སྦས་འདུག་པ་སུ་ཡིས་རྟོགས།

 

选自《微凉》(藏族青年优秀诗人作品集),四川民族出版社

 

        王志国,男,藏族,1977年11月出生,四川省阿坝藏族羌族自治州金川县庆宁乡松坪村人。在《人民文学》《诗刊》《星星》《民族文学》《读者》《青年文摘》等有诗歌刊载,作品入选多种选本并获奖。曾获第五届四川少数民族文学创作优秀作品奖、“首届四川十大青年诗人”。出版有诗集《风念经》《春风谣》《光阴慢》;有作品被翻译成英文、蒙古文、藏文、哈萨克文、维吾尔文、朝鲜文等。现就职于四川省巴中市某单位,四川省作家协会会员,鲁迅文学院第24期少数民族文学创作培训班学员。

        བང་ཀྲི་གོཕོ།བོད་རིགས།༡༩༧༧ལོའི་ཟླ་བ་༡༡པར་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཆུ་ཆེན་རྫོང་ཆིན་ཉིན་ཤང་སོང་ཕེན་སྡེ་བར་སྐྱེས།《མི་དམངས་རྩོམ་རིག》《སྙན་དེབ》《སྐར་མ》《མི་རིགས་རྩོམ་རིག》《ཀློག་པ་པོ》《ན་གཞོན་པའི་རྩོམ་བཏུས》སོགས་དུས་དེབ་ཁག་ཏུ་སྙན་རྩོམ་བཀོད་ཡོད།ལེགས་རྩོམ་གཅེས་བཏུས་ཀྱི་དཔེ་དེབ་མི་འདྲ་བ་རུ་ཁོའི་རྩོམ་ཡིག་བདམས་ཐོན་བྱུང་ཡོད་པར་མ་ཟད་དགའ་རྟགས་ཀྱང་ཐོབ་མྱོང་།སྐབས་ལྔ་པའི་སི་ཁྲོན་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི་ཕུལ་བྱུང་བརྩམས་ཆོས་ཀྱི་བྱ་དགའ་ཐོབ།ད་དུང་སྐབས་དང་པོའི་སི་ཁྲོན་ན་གཞོན་སྙན་ངག་པ་བཅུའི་གྲས་སུ་ཚུད།དཔར་དུ་བསྐྲུན་པའི་སྙན་ངག་ཕྱོགས་བསྒྲིགས་ལ་《མ་ཎི་བགྲང་མཁན་གྱི་རླུང་བུ།》《དཔྱིད་རླུང་གི་གཡོ་གར》《དལ་བུར་བགྲོད་པའི་དུས》ཡོད།ཁོའི་བརྩམས་ཆོས་ལ་ལ་དབྱིན་ཡིགསོག་ཡིགབོད་ཡིག་ཧ་ས་ཁའི་ཡི་གེཡུ་གར་གྱི་ཡི་གེ་དང་ཁོ་རེ་ཡ་བྱང་མའི་ཡི་གེ་སོགས་བསྒྱུར་ཡོད།ད་ལྟ་སི་ཁྲོན་ཞིང་ཆེན་པ་ཀྲོང་གྲོང་ཁྱེར་ག་གེ་མོའི་ལས་ཁུང་དུ་ཕྱག་ལས་གནང་བཞིན་ཡོད་པ།སི་ཁྲོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་།ལུའུ་ཞུན་རྩོམ་རིག་གླིང་གི་སྐབས་༢༤པའི་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གསབ་སྦྱོང་འཛིན་གྲྭའི་སློབ་མ་ཡིན།